ཡུམ། Tibetan Women's Reality

Home » སྒྱུ་རྩལ་རྩོམ་རིག » མཐར་གཏུགས་ན་ཐམས་ཅད་སྐད་བརྡ་ལ་རག་ལས་པ་ཡོད།

མཐར་གཏུགས་ན་ཐམས་ཅད་སྐད་བརྡ་ལ་རག་ལས་པ་ཡོད།

Tibet: An elderly Tibetan women holding a pray...

Tibet: An elderly Tibetan women holding a prayer wheel on the Lhasa’s pilgrimage circuit of Barkhor. The Barkhor, a quadrangle of streets that surrounds the Jokhang Temple, is both the spiritual heart of the holy city and the main commercial district for Tibetans. (Photo credit: Wikipedia)

མི་རིགས་གཞན་གྱིས་བོད་མི་རིགས་ལ་ལྟ་ཚུལ་འདི་ལྟར། “བོད་རིགས་ ནི་ཕྱིའི་མཐུན་རྐྱེན་འཛོམས་པོ་དེ་ཙམ་མེད་ནའང་། དུས་རྒྱུན་དགོད་སྒྲས་ ཁེངས་ཤིང་གདོང་ལ་འཛུམ་མདངས་མངོན་ཏེ། སོ་སོའི་མི་ཚེར་ཡིད་ཚིམ་ ཞིང་དྲང་ཚུགས་བརྟན་པ་ཞིག་རེད། ད་དུང་གཞན་ལ་གནོད་པ་མི་བསྐྱལ་ ཞིང་བློ་གཏད་རུང་བ་མ་ཟད་རྫུན་གཏམ་མི་འཆད་ཅིང་འདྲེས་སླ་བ་ཞིག་ དང་། དེ་བཞིན་དུ་བྱམས་དང་སྙིང་རྗེ་ཡིས་མཛའ་བརྩེ་ཆེ་ཞིང་འདོད་ ཆུང་ཆོག་ཤེས་པ། བློ་བདེ་བག་ཕེབས་ལྡན་ཞིང་དགའ་སྐྱིད་འཚོ་བར་ རོལ་ཤེས་པའི་གཤིས་རྒྱུད་ལེགས་པའི་མི་རིགས་ཤིག་རེད་”ཅེས་པའི་ བོད་མི་རིགས་ཀྱི་ཀུན་སྤྱོདའདི་ཡང་མདོར་ན་བོད་མི་རིགས་རང་གི་སྐད་ བརྡ་རིག་པར་བརྟེན་ནས་བྱུང་ཞིང་། བོད་མི་རིགས་ཀྱི་བསམ་བློའི་འདུ་ ཤེས་ལས་གྲུབ་པའི་ཆོས་དང་རིག་གཞུང་དེའང་མཐར་གཏུགས་ན་བོད་ མི་རིགས་རང་གི་སྐད་དང་ཡི་གེར་བརྟེན་ནས་བྱུང་བར་དངོས་མཐོང་ ལག་ཟིན་རེད། དེའི་ཕྱིར། སྐད་ཡིག་དང་མི་གཤིས་གཉིས་ཀར་རྒྱུ་འབྲས་ ཀྱི་འབྲེལ་བ་གྲུབ་པར་ཚད་མས་ལེགས་པར་བརྟགས་པའི་གནས་ལུགས་ ལས་བྱུང་བའི་སྡོམ་ཚིག་ཅིག་རེད། དེའི་རྒྱུ་མཚན་གྱིས་བོད་སྐད་སྨྲ་ཞིང་ བོད་ཡིག་སྤྱོད་མཁན་གྱི་བོད་མི་ཞིག་ཡིན་ཕྱིན་མི་གཤིས་དང་སེམས་ གཤིས་གཉིས་མི་རིགས་གཞན་དང་མ་འདྲ་བར་བོད་མི་རིགས་རང་གི་ ཐུན་མོང་མ་ཡིན་པའི་མི་གཞིའི་རིན་ཐང་ཡོད་ཅིང་བྱམས་དང་སྙིང་རྗེ་ ལས་གྲུབ་པའི་ཁྱད་ཆོས་ལྡན་པའི་སློབ་གསོའི་སེམས་གཤིས་ཤིག་ཀྱང་ མངོན་དུ་གྱུར་ཡོད།

ཕྱི་ལོ ༢༠༡༣ ཟླ ༡༡ ཚེས ༡༣ ཉིན་མོར་དམ་ཆོས་བསམ་འཕེལ་གྱིས།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s

Kunsang Dolma’s memoir

click to buy

Enter your email address to follow this blog and receive notifications of new posts by email.

Join 67 other followers

%d bloggers like this: