ཡུམ། Tibetan Women's Reality

Home » Uncategorized » ཡུལ་གྱར་བའི་འབོད་སྒྲ

ཡུལ་གྱར་བའི་འབོད་སྒྲ

Imageབོད་ཕྱི་ནང་གང་རུང་ན་བཞུགས་པའི་སྙན་ངག་པ་དང་རྩོམ་པ་པོ་དག་གི་སྙན་ལམ་དུ་ཞུ་རྒྱུར། གུས་མོ་ངས་ང་ཚོའི་སྤྱི་ཚོགས་ཀྱི་གསར་རྩོམ་སྐུལ་སློང་གིས་ཆེད་དུ་རྩོམ་ཡིག་འགྲན་བསྡུར་གྱི་སྡིངས་ཆ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད་པ་ལགས་ན་རྒྱ་ཆེའི་མི་དམངས་ཡོངས་ནས་རྒྱབ་སྐྱོར་དང་དོ་སྣང་ཡོང་པར་དགའ་བསུ་སྙིང་ནས་ཞུ།

སྙན་ངག (ཡིག་འབྲུ་ལྔ་བརྒྱ་ལས་མ་གདའ་བ་ཞིག) སྒྲུང་ཐུང (རྟོག་བཟོ་དང་རྟོག་བཟོ་མ་ཡིན་པ་གང་རུང་ཡིན་ཆོག ཡིག་འབྲུ་སྟོང་གཅིག་དང་ལྔ་བརྒྱ་ལས་མ་བརྒལ་བ་ཞིག)

རྩོམ་ཡིག་ཚང་མའི་བརྗོད་བྱང་དང་སྙིང་དོན་ནི་སྤྱི་ཚོགས་གང་རུང་ནང་བུད་མེད་ལ་བཙན་གཡེམ་བྱས་པའི་དོན་རྐྱེན། ཡང་ན་མཚན་མཐུན་གཉེན་སྒྲིག་དང་མཚན་གཉིས་མ་ནིང་། མཚན་གཉིས་གང་རུང་མ་ངེས་བ། གྲ་ལོག་དང་ཅོ་ལོག རིགས་རྒྱུད་དང་ཡུག་ས་མ། ཆབ་སྲིད་དང་ཆོས་ལུགས་ཐད་ནས་གྲངས་ཉུང་མི་རིགས་ཆགས་པ་གང་རུང་ལ་དམའ་འབེབས་དང་འཕྱ་སྨོད་སྐོར་གྱི་རྕོམ་ཡིག སྤྱི་ཚོགས་གང་རུང་ནང་གི་རང་ཉིད་ཀྱི་ཉམས་མྱོང་ལ་སོགས་པ་ཕྲིས་ཆོག

གསར་བཏོད་དང་དགེ་མཚན་ལྡན་པའི་སྡིངས་ཆ་འདི་འདྲ་ཞིག་བཀོད་སྒྲིག་བྱེད་དགོས་དོན་ནི་བཙན་གཡེམ་དང་ཆོས་ལུགས་ཀྱིས་བཙམ་དབང་ལ་སོགས་པ་ཁ་གཏད་གཅོག་ཆེད་ཡིན་ལ། མ་ཟད་ཆག་སྒོ་ཕོག་པའི་མི་གང་རུང་གི་འབོད་སྒྲ་མཚོན་བྱེད་ཡང་ཡིན།

རྩོམ་ཡིག་དབྱིན་ཡིག་དང་བོད་ཡིག་གང་རུང་གིས་ནང་ལ་ཕྲིས་ཆོག་པ་མ་ཟད། འཛུལ་ཞུགས་བྱེད་མཁན་ཡང་བོད་པ་དང་། ཕྱི་རྒྱལ་བ་གང་རུང་བོད་པའི་སྤྱི་ཚོགས་ནང་དམིགས་བསལ་དང་ཁྱད་དུ་འཕགས་པའི་ཉམས་མྱོང་ཡོད་པ། ལྷག་པར་དུ་རྒྱ་གར་བ་དང་བལ་ཡུལ་གྱི་མི་ལ་སྐུལ་སློང་དང་རེ་བ་སྙིང་ནས་ཞུ།

རྩོམ་པ་པོ་སུ་ཡིན་རུང་གལ་སྲིད་སྒེར་གྱི་མིང་འབྲི་འདོད་མེད་ན་ང་ཚོའི་ངོས་ནས་དེ་ལ་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་རྒྱུ་ཡིན།

འགྲན་རྩོད་ཁྲོད་ནས་བྱ་དགའ་ཐོབ་པའི་རྩོམ་ཡིག་ཚང་མ་ཕྱོགས་སྒྲིག་གིས་ངོ་བོའི་ཐོག་ནས་དཔེ་དེབ་དཔར་སྐྲུན་བྱེད་རྒྱུ་ཡིན་པ་མ་ཟད་བོད་ཀྱི་གཞིས་ཆགས་ཁག་དང་བོད་པ་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་རིན་མེད་ཀྱིས་སྒོ་ནས་བགོ་འགྲེམས་བྱེད་རྒྱུ་ཡིན། འདེམས་ཟིན་པའི་རྩོམ་ཡིག་ཚང་མ་རྒྱལ་སྤྱིའི་དྲ་རྒྱ་(E-book) ནང་ལ་དཔར་སྐྲུན་བྱེད་རྒྱུ་ཡིན་པ་མ་ཟད། ད་རུང་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་ནས་མཛད་སྒོ་ཞིག་ཀྱང་འཚོགས་རྒྱུ་ཡིན། མཛད་སྒོའི་ཉིན་མོར་ཨང་རིམ་གསལ་བསྒྲགས་དང་བྱ་དགའ་ཡང་འབུལ་རྒྱུ་ཡིན།

དཔྱད་འདེམས་རུ་ཁག་ནི་བོད་པ་དང་ཕྱི་རྒྱལ་བ། རྒྱ་གར་གྱི་རྩོམ་པ་པོ་དག་གིས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆུང་ཞིག་ཡིན།

བྱ་དགའ་ཨང་དང་པོར་ཧིན་སྒོར་3000 བྱ་དགའ་ཨང་གཉིས་པར་ཧིན་སྒོར་2000 བྱ་དགའ་ཨང་གསུམ་པར་ཧིན་སྒོར་1000

འཛུལ་ཞུགས་པ་ཚང་མར་དཔར་སྐྲུན་བྱས་ཟིན་པའི་དཔེ་དེབ་རེ་སྤྲོད་རྒྱུ། མི་རེ་རེ་ནས་རྩོམ་ཡིག་གཉིས་ལས་མང་བ་མ་བསྐུར་རོགས་གནང་

བསྐུར་ས་ exiledvoiceswriting14@gmail.com

རང་ཉིད་ཀྱི་མིང་དང་སྐྱེས་ཡུལ། སྡོད་གནས། ཕོ་མོ། འབྲེལ་གཏུགས་བྱེད་སའི་ཁ་པར་ཨང་གྲངས་བཅས་བསྐུར་རྒྱུ་མ་བརྗེད་རོགས་གནང་། གལ་སྲིད་མིང་འབྲི་འདོད་མེད་ན་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་བསྐུར་རོགས་གནང་། རྩོམ་ཡིག་བསྐུར་བའི་མཐའ་མཇུག་གི་ཉི་མ 2014 ལོའི་སྤྱི་ཟླ་2བའི་ཚེས་28ཉིན་ གསལ་བསྒྲགས་དང་མཛད་སྒོའི་ཉིན་མོ་2014 ལོའི་སྤྱི་ཟླ་4བའི་ནང་།

 

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s

Kunsang Dolma’s memoir

click to buy

Enter your email address to follow this blog and receive notifications of new posts by email.

Join 67 other followers

%d bloggers like this: