ཡུམ། Tibetan Women's Reality

Home » བོད་ཀྱི་སློབ་གསོ།

Category Archives: བོད་ཀྱི་སློབ་གསོ།

བོད་ཀྱི་གཅར་རྡུང་སློབ་གསོ་མཚམས་འཇོག་རོགས།

ཡོངས་འཛིན་གྱིས་བླ་མ་རུ་གཅར་རྡུང་། སློབ་དཔོན་གྱིས་སློབ་མ་རུ་གཅར་རྡུང་། དགེ་བསྐོས་ཀྱིས་དགེ་འདུན་པར་གཅར་རྡུང་། གྲྭ་རྒན་གྱིས་བན་ཆུང་ལ་གཅར་རྡུང་། དགེ་བསྐོས་མས་བཙུན་མ་རུ་གཅར་རྡུང་། ཆོས་སྐྱོང་གིས་ཆོས་པ་རུ་གཅར་རྡུང་། སློབ་དགེ་ཡིས་སློབ་ཕྲུག་ལ་གཅར་རྡུང་། ཁྱོ་ག་ཡིས་སྐྱེ་མེད་ལ་གཅར་རྡུང། ཕ་མ་ཡིས་བྱིས་པ་རུ་གཅར་རྡུང་།

གཅར་རྡུང་ལས་གཅར་རྡུང་འབྱུང་བར་ཆོས་ཉིད་ཡིན་ཕྱིར། དེ་སྐྱེད་སྲིང་ གིས་དྲག་པའི་ཁུ་ཚུར་མཚམས་གཞག་དགོས། དེས་ན། ལྷ་ཆོས་རིག་པ་ཡི་གནས་ལུགས། མི་ཆོས་ལྟ་གྲུབ་ཀྱི་མཚན་ཉིད། བདེན་རྫུན་དབྱེ་འབྱེད་ཀྱི་དམར་རྟགས། བཟང་ངན་ཆ་ལུགས་ཀྱི་སྲོལ་ གཏད། ཕན་གནོད་དགེ་མཚན་གྱི་འབྱུང་འབྲས་སོགས་སུ་རྩོད་གླེང་གིས་ ཀླན་ཀའི་ཀླན་ཀར་གཅིག་རྩེག་ཉིས་རྩེག་གི་ཆ་རྐྱེན་གང་ཡང་མེད་པར། སྨྲ་ཤེས་ཤིང་དོན་གོ་བའི་དབང་པོ་ཀུན་ཚང་གི་མི་གཞི་སེམས་པ་ཅན་ཞིག་ཡིན་ན། རང་ཉིད་ནས་འགོ་བཙུགས་ནས་རང་ཉིད་ལ་བསྒྱུར་བཅོས་ བཏང་ཏེ། རང་ཐོག་ནས་མཚམས་འཇོག་རོགས་གནོངས། ཁ་དན་ཚིག་ལ་ གནས་པའི་སྒོ་ནས་མཚམས་འཇོགས་རོགས་གནོངས། དེ་རིང་ནས་ མཚམས་འཇོག་རོགས་གནོངས། ད་ལྟ་རང་ནས་མཚམས་འཇོག་རོགས་གནོངས།

དམ་ཆོས་བསམ་འཕེལ་གྱིས་ཕྱི་༢༠༡༤་ཕྱི་ཟླ་༡་ཕྱི་ཚེས་༣་ཉིན་ལ་ཧོ་ལན་ནས།

Advertisements

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་ ཡོད་དོ་ཅོག་རྒྱ་དམར་གྱི་མི་མདའི་སོ་ཁ་ན་ མེད།

Stone tablets with prayers in Tibetan language...

Stone tablets with prayers in Tibetan language at a Temple in McLeod Ganj. (Photo credit: Wikipedia)

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཅེས་པ་འདི་ནི་ རྒྱ་ནག་གི་བཙན་གནོན་འོག་ན་གནས་ པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཙམ་ མིན་པར་གོ་ལ་ཟླུམ་པོ་འདིའི་ཐོག་ཏུ་ཁྱབ་ ཡོད་པའིོ་བོད་རིགས་གནས་སྡོད་ཀྱི་ས་ ཁུལ་ཡོངས་ལ་གོ་དགོས་པར་སྙམ།དེར་ བརྟེན། རྒྱ་ནག་གི་དབང་བསྒྱུར་འོག་གི་བོ ད་རིགས་ནི་བོད་རིགས་མང་ཤོས་ཡིན་ ཞིང་བོད་སྐད་སྨྲ་བའི་མི་གྲངས་ཀྱང་མང་ ཤོས་ཆགས་ཡོད་མོད།བོད་རིགས་ཡོངས་ རྫོགས་རྒྱ་ནག་གི་འོག་ཏུ་ཚུད་མེད་པས་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་ ཡོད་དོ་ཅོག་ཀྱང་རྒྱ་དམར་གྱི་མི་མདའི་སོ་ ཁ་ན་མེད་པར་ངེས་གཏན་རེད་འདུག དེས་ན། རྒྱ་གར་དང་བལ་ཡུལ། འབྲུག་དང་ པ་ཀི་སི་ཐན་ལ་སོགས་པའི་ཤར་ཕྱོགས་ དང་ནུབ་ཕྱོགས་ར ྒྱལ་ཁབ་ཀྱི་རྒྱལ་ཁུངས་ ག་གེ་མོ་ན་ཡོད་པའི་བོད་ཀྱི་རིགས་རྒྱུད་དུ་ གཏོགས་པ་ཐམས་ཅད་ལ་བོད་ཀྱི་སྐད་ ཡིག་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཆ་ཚང་ ཡོད་པ་འདྲ་འདྲ་ཡིན་ཞིང་དབང་ཚད་ ཀྱང་འདྲ་མཉམ་ཡོད།དེའི་ཕྱིར། འབྲས་ ལྗོངས་སུ་བྷོ་ཌིའི་ཡི་གེ་དང་འབྲུག་ཡུལ་དུ་ རྫོང་ཁའི་ཡི་གེ་གང་རུང་ཡིན་ཡང་མཐར་ གཏུགས་ན་བོད་ཡིག་གི་དབྱངས་གསལ་ སོ་བཞི་ལས་མ་གྲུབ་པ་ཅིག་མེད་པས་ན། ང་ཚོ་བོད་རིགས་ཚང་མ་བོད་ཀྱི་སྐད་ཡིག་ གི་བདག་པོ་ཡིན་པ་འ’དྲ་མཉམ་ཆགས་ ཤིང་ང་ཚོའི་མྱེས་པོས་ཤུལ་དུ་བཞག་པའི་ ནང་པ་སངས་རྒྱས་ཀྱི་བསྟན་པ་དང་དེ་ ལས་བྱུང་བའི་བོད་ཀྱི་རིག་གཞུང་གི་ བདག་པོ་ཡིན་པའང་འདྲ་འདྲ་རེད།དེའི་ རྒྱུ་མཚན་གྱིས་བོད་རིགས་ཤིག་ཡིན་ཚེ་ བོད་རྒྱལ་ཁབ་ཀྱི་ཁུངས་མི་ཡིན་མི”་དགོས་ ཤིང་།རྒྱལ་སྤྱིའི་རང་བཞིན་གྱི་ཕུགས་ རྒྱང་རིང་ཞིང་གཏིང་ཟབ་པའི་སེམས་བློའི་ རྒྱ་བསྐྱེད་དེ།བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ བྱ་རྒྱུ་ནི་འཛམ་བུ་གླིང་འདིའི་སྒང་ན་ གནས་པའི་བོད་ཀྱི་རིགས་རྒྱུད་ཡིན་པ་ ཡོད་དོ་ཅོག་ཐུན་མོང་ལ་དབང་ཞིང་ཐུན་ མོང་གིས་འགན་འཁུར་དགོས་པའི་གལ་ ཆེའི་རང་བཞིན་དུ་གྱུར་འདུག་པ་མ་ཟད་ བོད་རིགས་ཐུན་མོང་གི་དགོས་མཁའི་རང་ བཞིན་གྱི་ཁ་ཕྱོགས་གཅིག་པུ་ལས་མ་ འདས་སོ།

ཕྱི་ལོ ༢༠༡༣ ཟླ ༡༡ ཚེས ༢༡ དགོང་མོར་ དམ་ཆོས་བསམ་འཕེལ་གྱིས།

“སློབ་མར་ཤ་ཚ་བ་ནི་དགེ་རྒན་ལ་ལྡན་དགོས་པའི་མཚན་ཉིད་དང་པོ་རེད།”

481469_148707405277112_1396385839_n

——-མགོན་པོ་བསོད་ནམས།སྤྱིར་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་། མཚན་ཉིད་ཀྱི་རྣམ་གཞག་མང་དུ་མཆིས་མོད། དེ་ལས། ངེས་པར་དུ་སློབ་མ་ལ་དགའ་ཞེན་དང་། སྙིང་ཉེ་བ། གཅེས་དགོས་ལ་བཀུར་ཡང་དགོས་པའི་འདུ་ཤེས་བཅོས་མིན་ཞིག་ནི་དགོས་ངེས་ཤིག་ཡིན་པར་མ་ཟད། ཐ་ན་དགེ་རྒན་རང་ཉིད་ཀྱི་སེམས་གཏིང་གི་སྤྲོ་སྣང་གི་སྒུལ་ཤུགས་ཡོད་ཚད་སློབ་མའི་སྟེང་དུ་གནས་ཤིང་ཟོལ་མེད་ཀྱི་སྤྲོ་སྣང་དེ་ལུས་དང་གྲིབ་མ་བཞིན་སློབ་མ་དང་ཁ་འབྲལ་དུ་མེད་པ་ཞིག་ཡིན་དགོས། ཆ་རྐྱེན་དེ་མ་ལྡན་ཚེ། གཞན་སློབ་ཁྲིད་བྱེད་ཐབས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཁྲིད་ཚན་ཁག་ལ་བྱང་ཆ་ལྡན་ཞིང་ཆུ་ཚད་ཅི་འདྲ་མཐོ་ནའང་། སློབ་མའི་སློབ་སྦྱོང་གི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པ་ཞིག་ཡོང་དཀའ། ཅིའི་ཕྱིར་ཞེ་ན། དེ་ནི་སློབ་མའི་ཡོན་ཚད་དང་། ལུས་ཁམས། མཛེས་རྩལ། བསམ་བློ། ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་བྱེད་དགོས་པས་ན། ངེས་པར་དུ་སློབ་མ་རེ་རེ་བཞིན་གྱི་སྤྱིར་བཏང་གི་བསམ་བློའི་ཁྱེར་སོ་དང་། ཕུགས་བསམ། ལྟ་ཚུལ། འཚོ་བའི་སེམས་ཁམས་སྐྲུན་སྟངས་བཅས་ཀྱི་གཏིང་མཐིལ་དཔག་པའི་འཚོལ་ཞིབ་དང་། རྒྱུས་ལོན་མཐར་ཆགས་ཤིག་དགོས་པས་ཡིན་ནོ།།
དེ་ལྟ་བུའི་སློབ་མའི་སེམས་ཁམས་ཀྱི་རང་གཤིས་རྒྱུས་ལོན་པ་ལ་ཐོག་མཐའ་བར་གསུམ་དུ་སློབ་མར་ཤ་ཚ་བ་དང་། གཅེས་ཤིང་བཀུར་ལ་སྙིང་ཉེ་བའི་ལྷག་བསམ་ཞིག་གིས་སྐྱེད་སྲིང་ལྷོད་མེད་ཅིག་དགོས་པས་སོ།།

དང་པོ། སློབ་མ་དང་འབྲལ་མེད་མཉམ་གཤིབ་ཀྱི་འདུ་ཤེས་གཏིང་ཟབ་ཆགས་དགོས།

སློབ་མ་ནི་དགེ་རྒན་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་མེ་ཏོག་དང་། སྤྲོ་སེམས་སློང་བའི་སྒུལ་ཤུགས་འབའ་ཞིག་ཏུ་བསམ་པ་གཞིར་བཅས། རྣམ་ཀུན་སློབ་མ་དག་དང་གླེང་མོལ་དང་། དགོད་བྲོ་བའི་ཁ་མཚར། གོ་སྐོན་གྱི་སྒྲུང་གཏམ། སྙིང་ཐག་ཉེ་བའི་བསླབ་བྱ་སོགས་ཀྱིས་སྐྱེད་སྲིང་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཡང་ཕྱོགས་གཅིག་ནས། ཕ་མའི་དོད་དུ་ལངས་ཏེ་བྱམས་བརྩེའི་ཉམས་འགྱུར་དང་། གཟབ་ནན་གྱི་མིག་གིས་འཚོས་ནས་འཇམ་ལ་བབ་ཆགས་པའི་རྟོགས་སད་རང་བཞིན་གྱི་སེམས་གསོས་གཉོར་སྐྱོང་དགོས། ད་དུང་འཛུམ་མདངས་ལ་བརྟེན་ནས་འཛུམ་མདངས་བསུ་བ་དང་། སྤྲོ་སེམས་ལ་བརྟེན་ནས་སྤྲོ་སེམས་སློང་སྟེ་སློབ་མའི་བདེ་སྡུག་གི་ཁུར་བབ་ཡོད་ཚད་རང་སྟེང་དུ་ཁྱེར་བཟོད་པ་དང་། སློབ་མའི་སློབ་སྦྱོང་དང་། འཚོ་བའི་ཁྲོད་ཀྱི་ལེགས་ཉེས་ཐམས་ཅད་དགེ་རྒན་རང་ཉིད་ཀྱི་བྱ་བའི་ཁྲོད་ཀྱི་ལེགས་ཉེས་གལ་ཆེན་ཞིག་ཏུ་བརྩིས་ནས་སྒམ་བརླིང་དང་། བབ་ཆགས་པའི་རང་བཞིན་ལས་སུན་སྣང་སྤུ་ཙམ་ཡང་མེད་དགོས། དེ་ལྟ་བུས་སློབ་མར་གོང་བཀུར་དང་ཡིད་ཆེས་གནང་ན། ད་གཟོད་སེམས་ངོས་གཙང་བའི་ན་ཆུང་སློབ་མ་རྣམས་ལ་རང་འགུལ་གྱིས་དགེ་རྒན་ནི་རང་ཉིད་ཀྱི་ཁྱོན་ཡོངས་ཀྱི་འཚར་སྟོབས་ལ་སྒུལ་ཤུགས་གཏོང་མཁན་དང་། ལམ་སྟོན་པ། ཕ་མ་དང་འདྲ་བ། གནས་ཚུལ་ཁ་ཤས་ཀྱི་ཐད་ནས་ཕ་མ་ལས་ཀྱང་དགེ་རྒན་ལ་དགའ་ཞེན་དང་། ཆེ་མཐོང་གི་འདུ་ཤེས་ཤིག་ཆགས་ངེས་ཤིང་ནམ་རྒྱུན་དགེ་རྒན་དེས་བཤད་པའི་སྐད་ཆ་ནི་བླ་ན་མེད་པའི་བསམ་བློའི་མཛུབ་སྟོན་ཞིག་ཏུ་བརྩི་བ་དང་། དགེ་རྒན་དེས་ཁྲིད་པའི་སློབ་ཚན་གང་ལའང་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་ཐེབས་ངེས་སོ།།

གཉིས་པ། སློབ་མར་གཅེས་སེམས་ཀྱིས་མ་འདང་ཚེ། ཁྲིད་ཐབས་ཅི་འདྲ་ལེགས་ཀྱང་གསོན་ཉམས་ལྡན་པར་དཀའ།

སློབ་ཁྲིད་གང་འདྲ་ཞིག་གི་སྐབས་ཡིན་ནའང་། གལ་གནད་ཆེ་ཤོས་ནི་བློ་རྩེ་གཅིག་སྒྲིམ་གྱིས་སློབ་མར་གཅེས་སེམས་བཅངས་ནས་ཉམས་སྤྲོ་ཞིང་བག་ཕེབས་ཀྱིས་སློབ་ཁྲིད་བྱེད་རྒྱུ་དེ་རེད། དེའང་དགེ་རྒན་གྱིས་རྣམ་རིག་སྒྲིམ་པའི་མིག་ཟུང་ལས་བྱམས་བརྩེའི་འོད་མདངས་ལ་ཉམས་པ་མེད་པར་སློབ་མའི་ཡོན་ཚད་དངོས་དང་བསྟུན་གང་ཐུབ་ཀྱིས་དམར་ཁྲིད་དང་། ངང་རིང་བསྟེན་དགོས། ད་དུང་མ་གོ་བར་ཡོད་ན་སུན་སྣང་གང་ཡང་མེད་པར་ཡང་དང་བསྐྱར་དུ་གསབ་ཁྲིད་བྱེད་དགོས་པ་ལས་དགེ་སློབ་བར་གྱི་དམ་ཚིག་དང། དགའ་གཅེས་ཀྱི་འདུ་ཤེས་ལ་བསམ་གཞིག་གིས་མི་འདང་བར་གྲང་ཤུར་ཤུར་གྱི་རྣམ་འགྱུར་དང་། རྟ་ཐོག་གྲོག་ལྟ། ཁྲལ་སེལ་གྱི་མཛུབ་མོས་རི་སྟོན། སློབ་མ་དང་སློབ་ཁྲིད་ཀྱི་བར་ན་ཡོལ་རས་གང་རུང་ཞིག་གམ། རྒྱང་ཐག་ཅིག་གིས་ཆོད་པའི་སྟོང་ཆ་ཞིག་ལྷགས་འདུག་པ་ལྟ་བུའི་བྱེད་བབ་དེས་ནི་སློབ་མས་སློབ་ཁྲིད་ལ་ཉན་འདོད་ཀྱི་ཡི་ག་ལོག་སྲིད། དེས་ནི་སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྐོང་མི་ཐུབ་བོ།།
ཡང་དགེ་རྒན་ལ་ལས་རང་ཉིད་མཁས་རློམ་གྱི་ཁེངས་པས་སློབ་མའི་བློ་ཁ་དང་། ལོ་ནའི་ཁྱད་ཆོས་ཀྱི་ཆོས་ཉིད་དང་མི་བསྟུན་པར་སྒྲོབ་བཤད་དང་། འབྲེལ་མེད་རྙོག་གཏམ་ལུང་བ་གང་བཤད་པ་སོགས་ཀྱང་དོན་གྱིས་སློབ་མའི་གནས་བབ་དངོས་ལ་སེམས་ཁུར་དང་། དང་ལེན་གྱིས་མ་འདང་བའི་སྔོན་རྟགས་ཤིག་ལས་མ་འདས་སོ།།

གསུམ་པ། སློབ་མར་རེ་བ་དང་ཤ་ཚ་མེད་ན། སློབ་གསོའང་ཡོད་མི་སྲིད།

སློབ་མ་རང་ཉིད་དགེ་རྒན་སུ་ལ་དགའ་ཞིང་བག་ཆགས་ཟབ་ན། དགེ་རྒན་དེས་ཁྲིད་པའི་བསླབ་གཞི་ལ་གཟེངས་སུ་ཐོན་པའི་ཡར་རྒྱས་ཡོང་། དཔེར་ན། རྩིས་རིག་དགེ་རྒན་ལ་དགེ་རྒན་གཞན་ལས་ཀྱང་དགའ་ཞིང་སྙིང་ཐག་ཉེ་ན་དགེ་རྒན་དེའི་སློབ་ཐུན་ནི་སློབ་ཐུན་གཞན་ལས་ཀྱང་སྤྲོ་སྣང་གིས་ཁེངས་པ་དང་། ཉན་འདོད་ཀྱི་འདུན་པས་བག་བྲོ་བ་དང་། ཐ་ན་སློབ་ཐུན་དེ་ལྟ་བུར་སློབ་མ་སུ་འདྲ་ཞིག་ཡིན་ནའང་རེ་ཞིང་སྒུག
དེ་ནི་རྩིས་རིག་དགེ་རྒན་དེས་སློབ་མ་ལ་བཟུང་བའི་རྣམ་འགྱུར་དང་། ཐུགས་ཁུར་ནི་དགེ་རྒན་གཞན་དག་ལས་བློར་འབབ་པ་དང་། བརྩེ་དུང་གིས་ཁེངས་པ་ཞིག་ཡིན་ངེས་པས་རེད། ཡང་དགེ་རྒན་རེ་ཟུང་གིས་སློབ་མར་དམའ་འབེབས་དང་། ཟུར་ཟ། ལུས་ཐོག་དང་དངུལ་ཐོག་ནས་ཆད་པ་གཅོད་པ་སོགས་བྱེད་པ་དེ་ནི་དོན་དངོས་སུ་དགེ་རྒན་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་ཀྱིས་མ་འདང་བ་དང། ཐབས་རྡུགས་ཀྱི་ལམ་ལོག་ཡིན་པར་བརྟེན། དེ་ལས་ཐོན་པའི་མཇུག་འབྲས་ནི། སློབ་མ་དགེ་རྒན་ལ་ཞེད་ཅིང་སློབ་གྲྭ་དང་ཁ་འབྲལ་འདོད་སྐྱེས་པ་དེ་རེད་དོ།།
ད་དུང་ཡང་། དགེ་རྒན་ནི་ནམ་ཡང་སློབ་མ་དག་དང་ཆ་འདྲ་ས་ཞིག་ཡོད་དགོས་པ་ནི། དགེ་རྒན་ཡང་ན་ཆུང་སློབ་མ་ཞིག་དང་འདྲ་བར་སློབ་མ་རྣམས་ཀྱི་སློབ་ཕྱིའི་འགུལ་སྐྱོད་སོགས་ཀྱི་ཁྲོད་དུ་ཞུགས་སྤྲོ་ཞིང་ཞུགས་ན་འཚམ་པ་དང་། མི་མཐུན་པ་མེད་པ་ཞིག་ཡིན་དགོས། ཨུ་རུ་སིའི་ཆེད་མཁས་སློབ་གསོ་བ་ཞིག་གིས། སློབ་མ་སྐྱོང་བའི་ཐབས་ཆེས་ཕུལ་དུ་བྱུང་བ་ནི། དགེ་རྒན་གྱིས་སློབ་མར་བརྩི་འཇོག་བྱེད་རྒྱུ་དེ་ཡིན་པར་གསུངས་འདུག་པ་ལྟར། དགེ་རྒན་གྱིས་ནམ་ཡང་སློབ་མར་བརྩི་མཐོང་དང་། ཡིད་ཆེས་ཀྱིས་གཅེས་སྐྱོང་དགོས་པ་ལས། བརྩི་མཐོང་དང་། ཡིད་ཆེས་མེད་པའི་མི་ལ་སུས་ཀྱང་རེ་བ་བཅངས་མི་སྲིད་དོ།།

རེ་འབོད།

275197_100000566313035_267802208_nཕྱི་ནང་གཉི་གའི་བོད་ཀྱི་སྐད་ཡིག་གི་ལས་ དབང་ནི་ང་ཚོ་ཚང་མར་ཕྱི་གསལ་ནང་གསལ་ ཡིན་པས་ན། ང་ཚོས་ཁག་དཀྲིས་བསྙོན་ འཛུགས་ཙམ་མིན་པར་སྒེར་སོ་སོ་ནས་ཐོག་ མར་འགོ་འཛུགས་དགོས་པ་དང་། དེ་ནས་ ཚོགས་པ་དང་གཞུང། སྤྱི་ཚོགས་ཧྲིལ་པོར་ཁྱབ་ ཐུབ་པར་བྱ་རྒྱུར་རང་རང་སོ་སོ་ནས་འགོ་རྩོམ་ དགོས་པར་འདོད་ལ། ཁྱེད་རང་ལ་བོད་དགོས་ ན། ཁྱེད་རང་ལ་བོད་པ་ཡིན་པའི་འདུ་ཤེས་ཡོད་ ན། ཁྱེད་རང་མ་གཏོགས་བོད་ཀྱི་སྐད་དང་ཡི་ གེའི་བདག་པོ་ས་སྟེང་འདི་ན་མེད། དེ་ཁྱེད་ཀྱི་ སེམས་ལ་བཟུང་།

གང་ ལྟར། ང་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ དགོས་པར་ཁ་ནས་ཕར་བརྒྱ་བཤད་སྟོང་བཤད་ ཙམ་མིན་པར་ཚུར་རང་ཉིད་ལ་མཛུ་གུ་བཙུ ན་ནས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ ཏེ་དར་ཁྱབ་དང་སྲུང་སྐྱོབ། གཅེས་སྤྲས་དང་ བདག་པོ་རྒྱག་དགོས་པ་སྙིང་དོན་རེད། དེའི་ ཕྱིར། རང་ཉིད་ཀྱིས་འགོ་བཙུགས་ཏེ། བོད་སྐད་ ཤོད། བོད་ཡིག་སྦྱོངས། རྩོམ་ཡིག་ཕྲིས། ཟིན་ བྲིས་སྤེལ། དཔེ་དེབ་ལྟོས།། ཚགས་པར་ཀློགས། དྲྭ་རྒྱ་སྔོགས།

བཙན་གནོད་དང་ཁོར་ཡུག་གི་དབང་གིས་ཉིན་ རེའི་ཆུ་ཚོད་ཡོངས་རྫོགས་སོ་སོའི་འཚོ་བ་དང་ ལས་དོན།ཁ་དང་གྲོད་གི་ཆེད་དུ་གཏོང་དགོས་ནའང་། དེ་དག་གི་ཆེད་གཞན་སྐད་གཙོ་ རྒྱུག་བྱེད་དགོས་ནའང་། ང་ཚོས་ཉུང་མཐའ་ ཡང་བདུན་རེ་ནང་ཆུ་ཚོད་གཅིག གཉིས། གསུམ་གྱི་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་ སྐད་ཡིག་གི་ཚེ་སྲོག་ཇེ་རིང་དུ་གཏོང་དགོས། བོད་ཀྱི་སྐད་ཡིག་ལ་བརྩེ་བ་དང་དུངས་ཞེན་ཆེ་ བའི་བོད་པ་ཚོ། བོད་ཀྱི་སྐད་ཡིག་དེ་བོད་ཀྱི་བླ་ སྲོག་ཡིན་པར་འདོད་པའི་བོད་པ་ཚོ། འདི་འདྲ་ ཞིག་ང་ཚོས་ཆས་ཉུང་མཐའ་དེ་ང་ཚོའི་རང་ སྟེང་ནས་སྒྲུབ་དགོས་འདུག

༢༠༡༢/༠༦/༢༨ ཉིན། དམ་ཆོས་བསམ་འཕེལ་གྱིས།